Från professionella översättare, företag, webbsidor och fritt tillgängliga översättningsdatabaser.
སྟོན་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ།
a teacher, a tathāgata, an arhat, a perfectly awakened buddha, a knowledgeable and venerable one, a sugata,
གདབ་པར་བརྩམས་པས་སྨོན་ལམ་དེའི་དབང་གིས་ད་ལྟར་དེ་བཞིན་གཤེགས་པས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་ཏོ། །
because of that prayer, he has now been singled out by the tathāgata as supreme among those who have attained discerning wisdom.”
ང་ཚུལ་བཞིན་ཡིད་ལ་བྱེད་པ་ན། འདི་ལྟར་མ་རིག་པ་མེད་ན་འདུ་བྱེད་རྣམས་མི་འབྱུང་ཞིང་མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་མངོན་པར་རྟོགས་པར་གྱུར་ཏོ། །
on proper reflection, i realized this perfectly and as it is: if there is no ignorance, no conditioning will occur, and the cessation of ignorance arrests conditioning.
བདག་ཀྱང་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱའི་སེང་གེ །ཤཱཀྱའི་རྒྱལ་པོ་གཙོ་བོ་དེས་སོ་སོ་ཡང་དག་པར་རིག་པ་ཐོབ་པ་རྣམས་ཀྱི་མཆོག་ཏུ་བསྟན་པར་གྱུར་ཅིག་ཅེས་
may i too be singled out by the blessed sage of the Śākyas, lion of the Śākyas, king of the Śākyas, as supreme among those who have attained discerning wisdom.’“